Posts

Showing posts from March 17, 2019

མཁས་དབང་དགེ་འདུན་ཆོས་འཕེལ་དང་འབྲེལ་མི་སྣ་གལ་ཆིག་ངོ་སྤྲོད་བྱེད།

Image
(མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཏུན་ཧོང་ཡིག་རྙིང་ངོ་བཤུས་གང་ནས་བྱས་སམ།) ཁོང་ནི་ནུབ་གླིང་བོད་རིག་པའི་མཁས་པ་གྲགས་ཅན་ཞིག་རེད། འོན་ཀྱང་མང་པོ་ཞིག་གིས་ཁོང་གི་སྐོར་ལ་ཐུགས་རྒྱུས་དང་ཡིད་གཏོད་གནང་མི་འདུག དམིགས་བསལ་དགེ་ཆོས་ཞིབ་འཇུག་གནང་མཁན་དང་དགེ་ཆོའི་སྐོར་ལ་ཁ་གྲགས་ཚོས་ཐུགས་སྣང་མེད་པ་ཚོར།་དེ་བས་ཁོང་གི་སྐོར་རགས་ཙམ་ཞུ། ཁོང་གི་མཚན་ལ་གཞས་བྷ་ཁོད་ཟེར། འདི་ཧྥ་སྐད་གྱི་སྒྲ་འདོན་ལྟར་བོད་ཡིག་བྲིས་པ་ཡིན། གཞས་བྷ་ཁོད་ནི་ཧྥ་རན་སིའི་བོད་རིག་པའི་མདུན་སྐྱོད་པ་དང་མྱུལ་ཞིབ་པ་ཞིག་རེད། ཁོང་ནི་ཕྱི་ལོ་༡༨༧༧ ས་༡༩༦༥ བར་གྱི་ཧྥ་རན་ཆིའི་མི་ཞིག་རེད། རྒྱ་གར་དང་རྒྱ་ནག་ནུབ་ཕྱོགས། བོད་ཀྱི་ས་མཚམས་ཁུལ་བཅས་མང་པོ་མྱུལ་ཞིབ་བྱས། ཁོང་ནི་ནུབ་ཕྱོགས་ཀྱི་མི་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་མཁས་པ་ཐོག་མ་དེ་ཡིན་པར་བཤད་ཅིང་། ནུབ་ཕྱོགས་པ་བོད་ཀྱི་ཏུན་ཧོང་ཡིག་རྙིང་ལ་མཁས་པ་ཐོག་མ་ཐོ་མསྲ་ ( ༡༨༦༧ ནས་༡༩༥༦ ) དང་མཉམ་འབྲེལ་དུ་གཏོགས་པ་ཞིག་ཀྱང་ཡིན་འདུག གཞས་བྷ་ཁོད་དང་མཁས་དབང་དགེ་ཆོས། གཞས་བྷ་ཁོད་ནི་བོད་དུ་ཡང་ཡང་སོ་མྱུལ་དུ་བསྐྱོད་ཅིང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རོགས་རམ་ཡང་རེག་མྱོང་ཡོད་འདུག དེ་ནི་ཁོང་གིས་བོད་ཀྱི་ཏུན་ཧ