མཁས་དབང་དགེ་འདུན་ཆོས་འཕེལ་དང་འབྲེལ་མི་སྣ་གལ་ཆིག་ངོ་སྤྲོད་བྱེད།
(མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཏུན་ཧོང་ཡིག་རྙིང་ངོ་བཤུས་གང་ནས་བྱས་སམ།)
ཁོང་ནི་ནུབ་གླིང་བོད་རིག་པའི་མཁས་པ་གྲགས་ཅན་ཞིག་རེད།
འོན་ཀྱང་མང་པོ་ཞིག་གིས་ཁོང་གི་སྐོར་ལ་ཐུགས་རྒྱུས་དང་ཡིད་གཏོད་གནང་མི་འདུག དམིགས་བསལ་དགེ་ཆོས་ཞིབ་འཇུག་གནང་མཁན་དང་དགེ་ཆོའི་སྐོར་ལ་ཁ་གྲགས་ཚོས་ཐུགས་སྣང་མེད་པ་ཚོར།་དེ་བས་ཁོང་གི་སྐོར་རགས་ཙམ་ཞུ།
ཁོང་གི་མཚན་ལ་གཞས་བྷ་ཁོད་ཟེར། འདི་ཧྥ་སྐད་གྱི་སྒྲ་འདོན་ལྟར་བོད་ཡིག་བྲིས་པ་ཡིན།
གཞས་བྷ་ཁོད་ནི་ཧྥ་རན་སིའི་བོད་རིག་པའི་མདུན་སྐྱོད་པ་དང་མྱུལ་ཞིབ་པ་ཞིག་རེད།
ཁོང་ནི་ཕྱི་ལོ་༡༨༧༧ ས་༡༩༦༥ བར་གྱི་ཧྥ་རན་ཆིའི་མི་ཞིག་རེད། རྒྱ་གར་དང་རྒྱ་ནག་ནུབ་ཕྱོགས།
བོད་ཀྱི་ས་མཚམས་ཁུལ་བཅས་མང་པོ་མྱུལ་ཞིབ་བྱས། ཁོང་ནི་ནུབ་ཕྱོགས་ཀྱི་མི་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་མཁས་པ་ཐོག་མ་དེ་ཡིན་པར་བཤད་ཅིང་།
ནུབ་ཕྱོགས་པ་བོད་ཀྱི་ཏུན་ཧོང་ཡིག་རྙིང་ལ་མཁས་པ་ཐོག་མ་ཐོ་མསྲ་(༡༨༦༧ ནས་༡༩༥༦)དང་མཉམ་འབྲེལ་དུ་གཏོགས་པ་ཞིག་ཀྱང་ཡིན་འདུག
གཞས་བྷ་ཁོད་དང་མཁས་དབང་དགེ་ཆོས།

ད་དུང་ཁོས་ཨེ་ཤ་ཡའི་ཡུལ་ལུང་དག་ལས་འབྲི་ཆུ་(༡༩༠༧)
དང་།
ལྷོ་ཤར་ཨེ་ཤ་ཡ(༡༩༠༩ ནས་༡༠༡༠)།
༡༩༡༣ ནས་༡༩༡༤ དང་ཡང་༡༩༣༠ ནས་༡༩༣༡ བར་བཅས་སུ་བོད་དང་ཧི་མ་ལ་ཡའི་ས་ཁུལ་ཁག་ཏུ་རྟོགས་ཞིབ་གནང་།
རྗ་ཁེས་ནི་ཕྱི་ལོ་༡༩༣༦ ལོ་ཧྥ་རན་སིའི་བོད་རིག་པ་སློབ་སྦྱོང་གི་འགན་འཛིན་གྱི་མཚན་གནས་བཟུང་པ་དང་།
ཕྱི་ལོ་༡༩༤༧ ལོར་ ཚོགས་མི་གྱུར། ༡༩༠༨ ལོར་ཨེ་ཤ་ཡའི་ཚོགས་སྡེའི་ནང་ཞུགས། བརྐོས་ཡིག་དང་དྲིལ་བུའི་ཡི་གེའི་ལས་སྡེ།
ཏུན་ཧོང་བོད་རིག་པའི་མཁས་དབང་ཕུལ་ཕེ་ཕེའི་ཊ་འདས་རྗེས་ཕྱི་ལོ་༡༩༤༥
འགན་འཛིན་དང་།
ཁོ་ལ་བདག་དབང་ཅན་གྱི་ཚོན་བྲིས་དང་ལི་མ་སོགས་ནི་ཁོང་གིས་འཚོལ་སྒྲུབ་བྱས་པའི་རྒྱུ་དངོས་སྣ་ཚོགས་ཚང་མ་ཕ་རེ་སིའི་གྷུའི་མེད་འགྲེམ་སྟོན་དུ་ཡོད་ཅིང་།
དེ་ནི་ཁོས་༡༠༡༢ ལོར་འགྲེལ་སྟོན་ཁང་དེར་ཞལ་འདེབས་སུ་ཕུལ་བ་ཡིན་འདུག ཁོང་གི་དཔེ་མཛོད་ཁང་གི་དཔེ་དེབ་རྣམས་དང་ཡིག་ཆ་སྣ་ཚོགས་ཀྱང་ཁོང་འདས་རྗེས་འགྲེམ་སྟོན་ཁང་དེར་ཞལ་འདེབས་སུ་ཕུལ་འདུག
ཁོང་ལ་གསུང་རྩོམ་དང་འགྱུར་དེབ་མང་པོ་ཡོད་ཅིང་།་དེ་དག་ལས་མི་ལ་རས་པ་དང་བོད་ཀྱི་བརྡ་སྤྲོད་སྐོར་ཏུན་ཧོང་བོད་ཀྱི་ཡིག་རྙིང་སོགས་ནི་གྲགས་ཆེ་ཞིང་།
བརྩམས་ཆས་ལ་བོད་ཀྱི་སྙང་ངག་མི་ལ་རས་པ་དང་། ཁོང་གི་སྡིག་པ། ཚོད་ལྟ། ཐར་པ། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་གཞུང་ལས་ཐོན་མི་སམ་བྷོ་ཊའི་ཚིགས་བཅད་འགའ།
བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ལས་མིང་ཚིག་གྲུབ་ཚུལ་རེའུ་མིག
ཏུན་ཧོང་ཡིག་རྙིང་ལས་བོད་ཀྱི་ལོ་རྒྱུས་དང་འབྲེལ་༡༩༤༠ ལོར་པར་སྐྲུན་བྱས། ཁོང་གི་བརྩམས་ཆོས་ཁག་རིམ་༡༩༡༣
ནས་༡༩༥༦ བར་དུ་རིམ་པས་པར་སྐྲུན་འགྲེལ་སྤལ་བྱས་འདུག
ཞར་བྱུང་།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཏུན་ཧོང་ཡིག་རྙིང་༼མང་པོ་ཞིག་༽ལ་མཇལ་ས་ཐོག་མ་དེ་ཁོང་གི་ལག་ནས་ལྟ་བཤུས་བྱས་པར་རྩོམ་ཡིག་འགར་གསལ་མོད།
ཞིབ་ཏུ་ཐུགས་སྣང་ཅན་ཚོས་འཚོལ་ཞིབ་གནོངས།
གཅན བཟོད་རྒྱམ་པས་༢༠༠༩ ལོའི་དཔེ་ཀློག་ཟིན་ཐོ་ལས་དྲངས།
ཞིབ་ཚགས་བསྐྱར་ཞིབ་བྱས་མེད་པ་ཐུགས་འཇགས་འཚལ། ༢༠༡༩།༠༣།༠༧ ཉིན་བསྐྱར་སྣོན་བྱས། ༢༠༡༩།༠༣།༡༧
ཉིན་གྲོགས་པོ་དོན་གཉེར་ཅན་ཚོར་མཉམ་སྤྱོད་བགོ་བཤའི་ཚུལ་དུ་ཕུལ་བ་ལགས།
Comments
Post a Comment