Posts

མཱ་ཧཱ་བྷཱ་རཱ་ཏའི་དམག་འཐབ་བཀོད་དབྱིབས་དང་དེའི་ཤུགས་རྐྱེན་མཛེས་རིས་སུ་བཀོད་པའི་སྐོར་ཐོག་མའི་བསམ་ཚུལ། ཁག་དང་པོ།

Image
མཱ་ཧཱ་བྷཱ་རཱ་ཏའི་གཡུལ་འཁྲུག་གི་རྣམ་པ།  དེ་རིང་གནའ་བོའི་རྒྱ་གར་གྱི་གནའ་བོའི་གཏམ་རྒྱུད་བྷཱ་རཱ་ཏའི་དམག་འཐབ་སྐོར་གྱི་ལྡེབས་རིས་མང་པོར་འཚོལ་ཞིབ་དང་དབྱེ་ཞིབ་བྱས། མཱ་ཧཱ་བྷཱ་རཱ་ཏ་ནི་རྒྱ་གར་གྱི་གནའ་བོའི་མིའི་བྱུང་འཕེལ་ལོ་རྒྱུས་ཁྲོད་ཀྱི་གཡུལ་འཁྲུག་ཆེན་མོའི་ལོ་རྒྱུས་བཀོད་པའི་སྙན་ངག་གི་བསྟན་བཅོས་ཆེན་མོ་ཞིག་ཡིན་མོད། འདི་ནམ་བྱུང་གི་སྐོར་ལ་རྒྱ་གར་རང་དུ་ཡང་གཅིག་གྱུར་གྱི་དུས་ཚོད་ངོས་འཛིན་བྱེད་དཀའ་བར་འདུག་ཅིང་། ཐ་ན་གཡུལ་འཁྲུག་འདི་ཡི་གེར་བཀོད་པའི་དུས་ཚོད་ཀྱང་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བ་ཡས་མས་ལས་གཅིག་གྱུར་བཤད་ཚོད་མི་འདུག་སྙམ།  དཀྱིལ་འཁོར་དབྱིབས་ཀྱི་དམག་འཐབ་བཀོད་དབྱིབས།  འོན་ཀྱང་གཏམ་རྒྱུད་འདིས་འཛམ་གླིང་དང་དམིགས་བསམ་རྒྱ་གར་དང་ཆོས་ལུགས་ཀྱི་འབྲེལ་ལམ་གཏིང་ཟབ་པའི་ཨེ་ཤ་ཡའི་ཡུལ་གྲུ་མང་པོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་མ་ཟད། ཨེ་ཤ་ཡའི་རྒྱལ་ཁབ་དང་མི་རིགས་རེ་ཟུང་ལ་རྒྱ་གར་ལས་ལྷག་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་ཡང་མངོན། དམག་འཐབ་བཀོད་དབྱིབས། རྒྱ་གར་གཙོས་བོད་དང་རྒྱ་ནག ཀམ་པོ་སྒྲེ་ཡ་དང་ཐའེ་ལེན་སོགས་ལ་མཱ་ཧཱ་བྷཱ་རཱ་ཏའི་གཏམ་རྒྱུད་འདི་བརྗོད་བྱར་བཟུང་སྟེ་སྙན་ངག་གི་བསྟན་བཅོས་རྒྱ
Image
༄༅། ། མཁས་དབང་ དགེ་འདུན་ཆོས་འཕེལ་ བརྒྱུད་ནས་ དཔལ་ལེགས་ལྡན་ནག་པོའི་གླུ་དང་ཉེ་བར་བཅར་བ། གཅན བཟོད་རྒྱམ། རྒྱ་གར་གྱི་གནའ་བོའི་སྙན་ངག་གི་བསྟན་བཅོས་ཆེན་མོ་མ་ཧཱ་བྷཱ་ར་ཏ་དང་དཔལ་ལེགས་ནག་པོའི་གླུ་མཛད་མཁན་དྲང་སྲོང་རྒྱས་པའམ་གླིང་སྐྱེས།  ཀླད་ཀྱི་ སྤྱི་བཤད། ཉེ་ཆར་ད་ལོའི་གུང་གསེང་གི་ཚུལ་དུ་༧རྒྱལ་བའི་བཞུགས་སྒར་དྷ་རམ་ས་ལར་ཉིན་འགའི་སྐོར་སྐྱོད་བྱས། སྐབས་དེར་བཙན་བྱོལ་ནང་གི་རང་རེའི་བོད་རིག་པའི་མཁས་པའི་དབང་པོ་སྐུ་ཞབས་བཀྲ་ཤིས་ཚེ་རིང་དང་མཉམ་དུ་བཀའ་མོལ་ལྷུག་པོར་ཐེངས་གཉིས་ཞུ་སྐལ་བྱུང་། དེ་ཡང་བདག་གིས་ཉེ་ཆར་ཁོང་ལ་གེ་སར་ཞིབ་འཇུག་སྐོར་གྱི་དཔེ་དེབ་འགའ་ཉོ་སྒྲུབ་རོགས་རམ་བྱས་པ་དག་ཁོང་ལ་འབུལ་སྐབས་ཐུག་པ་ཡིན། སྤྱིར་མཁས་དབང་ཁོང་དང་ལོ་དུའི་སྔོན་ནས་ངོ་ཤེས་དང་བཀའ་མོལ་ཞུས་མྱོང་མོད། ད་ཐེངས་ལྟ་བུའི་བཀའ་མོལ་ལྷུག་པོར་གནང་སྐལ་ཐོབ་མ་མྱོང་། ཁོང་དང་བོད་རིག་པའི་ཞིབ་འཇུག་གི་ཐད་ནས་བཀའ་འདྲི་མང་པོ་ཞུ་པ་དང་དོགས་གཅོད་ཀྱང་མང་དུ་གནང་། དགོང་ཟས་ལ་རོལ་བཞིན་ཁ་བརྡ་འདྲ་མིན་ཁྲོད་ནས་བདག་གི་ཆེད་ལས་སློབ་སྦྱོང་གི་སྐོར་ནས་ཀྱང་གླེང་ཙམ་བྱུང་། དེ་ནི་རྒྱ་གར་གྱི་ཧིན་དྷུའི་ཆོས་ལུགས་ཀྱི་སྙིང་པོ་ལྟ་བུ་དཔལ་ལེགས་ལྡན་ནག་པོའི་གླུ་ཞེས་པའི་བསྟན་བ