མཱ་ཧཱ་བྷཱ་རཱ་ཏའི་དམག་འཐབ་བཀོད་དབྱིབས་དང་དེའི་ཤུགས་རྐྱེན་མཛེས་རིས་སུ་བཀོད་པའི་སྐོར་ཐོག་མའི་བསམ་ཚུལ། ཁག་དང་པོ།




མཱ་ཧཱ་བྷཱ་རཱ་ཏའི་གཡུལ་འཁྲུག་གི་རྣམ་པ། 
དེ་རིང་གནའ་བོའི་རྒྱ་གར་གྱི་གནའ་བོའི་གཏམ་རྒྱུད་བྷཱ་རཱ་ཏའི་དམག་འཐབ་སྐོར་གྱི་ལྡེབས་རིས་མང་པོར་འཚོལ་ཞིབ་དང་དབྱེ་ཞིབ་བྱས། མཱ་ཧཱ་བྷཱ་རཱ་ཏ་ནི་རྒྱ་གར་གྱི་གནའ་བོའི་མིའི་བྱུང་འཕེལ་ལོ་རྒྱུས་ཁྲོད་ཀྱི་གཡུལ་འཁྲུག་ཆེན་མོའི་ལོ་རྒྱུས་བཀོད་པའི་སྙན་ངག་གི་བསྟན་བཅོས་ཆེན་མོ་ཞིག་ཡིན་མོད། འདི་ནམ་བྱུང་གི་སྐོར་ལ་རྒྱ་གར་རང་དུ་ཡང་གཅིག་གྱུར་གྱི་དུས་ཚོད་ངོས་འཛིན་བྱེད་དཀའ་བར་འདུག་ཅིང་། ཐ་ན་གཡུལ་འཁྲུག་འདི་ཡི་གེར་བཀོད་པའི་དུས་ཚོད་ཀྱང་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བ་ཡས་མས་ལས་གཅིག་གྱུར་བཤད་ཚོད་མི་འདུག་སྙམ། 

དཀྱིལ་འཁོར་དབྱིབས་ཀྱི་དམག་འཐབ་བཀོད་དབྱིབས། 
འོན་ཀྱང་གཏམ་རྒྱུད་འདིས་འཛམ་གླིང་དང་དམིགས་བསམ་རྒྱ་གར་དང་ཆོས་ལུགས་ཀྱི་འབྲེལ་ལམ་གཏིང་ཟབ་པའི་ཨེ་ཤ་ཡའི་ཡུལ་གྲུ་མང་པོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་མ་ཟད། ཨེ་ཤ་ཡའི་རྒྱལ་ཁབ་དང་མི་རིགས་རེ་ཟུང་ལ་རྒྱ་གར་ལས་ལྷག་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་ཡང་མངོན།
དམག་འཐབ་བཀོད་དབྱིབས།

རྒྱ་གར་གཙོས་བོད་དང་རྒྱ་ནག ཀམ་པོ་སྒྲེ་ཡ་དང་ཐའེ་ལེན་སོགས་ལ་མཱ་ཧཱ་བྷཱ་རཱ་ཏའི་གཏམ་རྒྱུད་འདི་བརྗོད་བྱར་བཟུང་སྟེ་སྙན་ངག་གི་བསྟན་བཅོས་རྒྱས་མང་པོ་བྱུང་མྱོང་ཡོད་པ་མ་ཟད། དེང་གི་དུས་སུའང་རྒྱལ་ཁབ་དང་ཡུལ་གྲུ་མང་པོར་རྒྱ་གར་གྱི་གཏམ་རྒྱུད་ཆེན་མོའི་བརྗོད་དོན་སྙན་ངག་ཏུ་བྱས་པའི་མཱ་ཧཱ་བྷཱ་རཱ་ཏ་ནི་ཁོང་ཅག་གི་རྩོམ་རིག་ཁྱབ་ཁོངས་ནས་ཚད་གཞི་ངེས་ཅན་ཞིག་ཡོད་པ་མ་ཟད། དེང་དུས་ཀྱང་ཞིབ་འཇུག་དང་སློབ་སྦྱོང་བྱེད་མུས་ཡིན།
གཡུང་དྲུང་དབྱིབས་ཀྱི་དམག་འཐབ་བཀོད་དབྱིབས། 
དེ་བས། གཏམ་རྒྱུད་འདི་ནི་རང་རེ་བོད་ལའང་དེ་མཚུངས་རྩོམ་རིག་གི་གར་སྟེགས་སུ་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། མུ་མཐུད་ནས་སློབ་སྦྱོང་དང་དབྱེ་ཞིབ་བྱེད་མུས་ཡིན་པས། བདག་གིས་བཙལ་རྙེད་བྱུང་བའི་གནའ་བོའི་རྒྱ་གར་གྱི་སྙན་ངག་གི་གཏམ་རྒྱུད་རིང་མོ་མཱ་ཧཱ་བྷཱ་རཱ་ཏའི་བརྗོད་ལྡེབས་རིས་དང་དེའི་དམག་འཐབ་བཀོད་དབྱིབས་རི་མོ་དང་རྡོ་ལ་བརྐོས་པ། དེས་ཤུགས་རྐྱེན་ནམ་དེའི་རི་མོའི་བཀོད་དབྱིབས་དང་མཚུངས་པའི་དབྱིབས་རིས་མང་པོ་ཞིག་དེང་སང་ས་སྟེང་འདིར་མཛེས་རིས་སྣ་ཚོགས་སུ་བེད་སྤྱོད་བྱེད་མུས་ཡིན་པས་བཅས། རི་མོ་འགའི་ལམ་ནས་གསལ་བཤད་ཅུང་ཙམ་བྱེད་རྒྱུ་དང་། རྗེས་སུ་དུས་ཚོད་ནམ་བྱུང་ལ་འདིའི་ཅུང་རྒྱས་ཙམ་འབྲི་ཐུབ་པའི་རེ་བ་བཅས་དེ་ཙམ་ཡིན།

གཅན་བཟོད་རྒྱམ་པས་ཕྱི་ལོ་ཟླ་ཚེས་བཟང་པོར་གསལ་ལྡན་གྲོང་མཐིལ་ནས།
༢༠༡༨།༠༤།༢༧།


Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག