རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཐེངས་ལྔ་པ་ཨུ་རུ་སུའི་གྲོང་ཁྱེར་སན་པི་ཏི་པོག་ཏུ་ཚོགས་པ།



སྤྱི་ལོ་༢༠༡༨ ལོའི་སྤྱི་ཟླ་༩ པའི་ཚེས་༣ ནས་ཚེས་༧ པར་དུ་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཐེངས་ལྔ་པ་དེ་བཞིན་ཨུ་རུ་སུའི་ནུབ་ཕྱོགས་གྲོང་ཁྱེར་སན་པི་ཏི་པོག་གཙུག་ལག་སློབ་ཆེན་དུ་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་བོད་དང་རྒྱ་གར་གཙོས་ཕྱི་ཁབ་མ་འདྲ་བ་བཅོ་ལྔ་ལྷག་གི་འབུམ་རམས་པ་དང་ཞིབ་འཇུག་པ། དགེ་རྒན་ཆེན་མོ་སོགས་མི་སྣ་བདུན་བཅུ་དོན་དྲུག་ཙམ་ཡོད་ཀྱི་དཔྱད་རྩོམ་སྙིང་བདམས་ཐོན་བྱུང་བྱུང་པའི་ནང་ནས་མི་འགའ་རེ་སྐབས་ཐོག་ཚོགས་མ་ཐུབ་པ་དང་། གཞན་མི་སྣ་བདུན་བཅུ་ཡས་མས་ཤིག་འཛོམས་ཐུབ་ཡོད། 

སྤྱིར་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་འདི་ནི་༡༩༧༧ ལོར་སུ་སིའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་འཛུ་རིག་ཏུ་ཐེངས་དང་པོར་བསྐོང་ཚོགས་གནང་བ་དང་། སྐབས་དེར་ཚོགས་པའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་དེ་རིམ་པས་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ངོ་བོར་བསྒྱུར་ཏེ་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་མར་པར་གྱུར་བ་དང་། སྐར་ཡང་༢༠༠༧ ལོར་ཨིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་དང་པོ་ཞེས་བསྐོང་ཚོགས་གནང་བ་དང་། ལོ་དེའི་སྤྱི་ཟླ་༨ པའི་ཚེས་༡༢ ཉིན་ལས་རིམ་ཚོགས་འདུ་ཞིག་ཀྱང་བསྐོང་ཚོགས་གནང་སྟེ་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་བཅའ་ཁྲིམས་དོན་ཚན་དགུ་ཅན་གྱི་ཡི་གེ་གཏན་འབེབས་གནང་།

དབུ་འབྱེད་གཏམ་བཤད་ཀྱི་ཟུར་གཅིག
(བཅའ་ཁྲིམས་དེའི་དོན་ཚན་དང་པོ། གྲོས་ཚོགས་ཀྱི་དམིགས་ཡུལ། གཉིས་པ། གྲོས་ཚོགས་ཀྱི་ངོ་བོ། གསུམ་པ། སྤྱིར་བཏང་ཚོགས་མི། བཞི་པ། སློབ་སྟོན་ཚོགས་མི། ལྔ་པ། གྲོས་ཚོགས་ཀྱི་ཚོགས་གཙོ།༼ཚོགས་གཙོའི་ལས་འགན། ཚོགས་གཙོ་འོས་འདེམས། ༽ དྲུག་པ། སྤྱི་ཁྱབ་དྲུང་ཆེ།   བདུན་པ། 
ཚོགས་ཐེངས་འདུ་འཛོམས། ༼༡ ཚོགས་ཐེངས་གོ་སྒྲིག་ལྷན་ཚོགས། ༢ ཚོགས་ཐེངས་གོ་སྒྲིག་འགན་འཛིན། ༣ ཚོགས་ཞུགས་པ། ༤ གྲོས་ཚོགས་ཀྱི་ལས་རིམ་ཚོགས་འདུ།༽ བརྒྱད་པ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་དང་མཉམ་འབྲེལ། དགུ་པ། བཅའ་ཁྲིམས་བསྒྱུར་བཅོས་དང་ཚཽགས་པ་འཕོ་འགྱུར་སྐོར། བཅས་ཡིན།)

དེ་ནས་རིམ་བཞིན་ལོ་གསུམ་རེའི་མཚམས་སུ་ཐེངས་གཅིག་རེ་ཚོགས་གཏམ་འཁེལ་བ་ལྟར། ད་ལོ་ནི་ཚོགས་ཐེངས་ལྔ་བ་དེ་ཡིན་ལ། གྲོས་ཚོགས་ཐེངས་དྲུག་པ་དེ་ཨ་མི་རི་ཀའི་ཝར་ཇི་ནི་ཡ་གཙུག་ལག་སློབ་ཆེན་(University of Virginia) དུ་ཚོགས་གཏམ་འཁེལ། 

ཐེངས་འདིའི་ཚོགས་འདུའི་བརྗོད་གཞི་ཁག་བགོས་ནི་འདི་ལྟར།
Manuscriptology,  Gender Studies: Women In Tibet,  Religious Studies,  Political History,  Tibetan Literature,  Culture and Social History,  traditional Tibetan Medicine,  Anthropology,  Visual Arts and Music,  Linguistics,  Buddhist Connections,  Tibetan Buddhism Dissemination,  Old Tibetan Studies,  Monastic Life and Education. 
སོགས་ཀྱི་སྟེང་དཔྱད་གཏམ་གནང་མཁན་ཚོས་དུས་ཚོད་ལྟར་དཔྱད་གཏམ་གནད་སྨིན་དང་དྲི་བ་དྲིས་ལན་གནང་།

ཚོགས་གཙོ་གསར་རྙིང་གཉིས།

ཐེངས་འདིའི་ཚོགས་འདུའི་སྐབས་སུ། ཚོགས་ཁང་གཉིས་ལ་བཀོད་སྒྲིག་གནང་ཞིང་། ཉིན་དང་པོར་དབུ་འབྱེད་མཛད་སྒོ་ཚོགས་རྗེས་ཚོགས་ཁང་རེར་གཏམ་བཤད་པ་མི་གསུམ་རེ་དང་། དེ་ནས་ཚོགས་ཁང་ཆེ་བར་ལྷན་འཛོམས་ཀྱིས་མི་བཞིས་གཏམ་བཤད་རིམ་པར་གནང་བས་གཏམ་བཤད་པ་མི་བཅུ་གཉིས། ཕྱི་དྲོ་གྲི་གཟེངས་ནང་ལྷན་འཛོམས་གསོལ་སྟོན་དང་གྲོང་ཁྱེར་དེའི་མཚོ་ལག་རིང་མོར་ལྟ་སྐོར་གནང་། 

 ཉིན་གཉིས་པར་ཚོགས་ཁང་རེར་གཏམ་བཤད་པ་མི་བཅུ་གཉིས་རེ། ཕྱི་དྲོ་བོད་ཀྱི་གློག་བརྙན་༼སྒོ་སམ་༽ཞེས་པ་གཟིགས་འབུལ་དང་། དེ་ནས་གྲོང་ཁྱེར་ནང་ལྟ་སྐོར་ལ་ཁྲིད། 

ཉིན་གསུམ་པར་ཚོགས་ཁང་རེར་གཏམ་བཤད་པ་མི་དྲུག་རེ་དང་། ཚོགས་ཁང་ཆེ་བར་མཉམ་འཛོམས་གཏམ་བཤད་གཅིག ཕྱི་དྲོ་སློབ་ཆེན་དེའི་ཤར་ཕྱོགས་རིག་པའི་སྡེ་ཚན་དང་དཔེ་མཛོད་ཁང་སོགས་སུ་ལྟ་སྐོར་ལ་ཁྲིད། 

ཉིན་བཞི་པར་ཚོགས་ཁང་རེར་གཏམ་བཤད་པ་མི་དགུ་རེ་དང་། ཕྱི་དྲོ་ཚོགས་མི་རྣམས་ལྷན་འཛོམས་ཐོག་ཚོགས་གཙོ་གསར་པ་དང་སློབ་སྟོན་ཚོགས་མི་འོས་འདེབས་བྱས། ཚོགས་གཙོ་ད་ལོའི་ཨུ་རུ་སུའི་ཚོགས་འདུ་གོ་སྒྲིག་གནང་མཁན་སན་པི་ཏི་པོག་གི་མཁྱེན་ལྡན་མ་ན་ཏ་ལི་ཡ་མ་སི་ཀ་ལེ་བ་Natalia Moskaleva ལགས་ལ་འོས་ཐོབ་པ་དང་། དྲུང་ཆེ་ནི་སློབ་སྟོན་ཚོགས་མི་དགུ་ཡོད་པ་ཟུར་དུ་འཛོམས་ཏེ། ཁོ་ཚོ་དགུའི་གྲས་ནས་ཨ་རིའི་ཝར་ཇི་ནི་ཡ་གཙུག་ལག་སློབ་ཆེན་ནས་ཡིན་པའི་མཁྱེན་ལྡན་མ་ན་ཏ་ཤ་མིཀ་ལེས་Natasha Mikles བདམས་པ་དང་། དྲུང་ཆེ་ཐེ་བའི་སློབ་སྟོན་ཚོགས་མི་དགུ་ཡོད།

སློབ་སྟོན་ཚོགས་མི་དགུ།
སློབ་སྟོན་ཚོགས་མི་དགུའི་མཚན་གཤམ་གསལ། ༡༽ Natasha Mikles (དྲུང་ཆེ།) ༢༽Lucia Galli, ༣༽ ཆོས་འཁོར་ཚང་ཉི་མ་འོད་ཟེར། ༤༽ Cecile Ducher, ༥༽ Emanuela Garatti, ༦༽ Karma Tso, ༧Maria Coma, ༨༽Franz Xaver Erhard,  ༩༽ གཅན བཟོད་རྒྱམ། བཅས་མི་དགུ་ཡོད། 

སྤྱི་ཟླ་༩ པའི་ཚེས་༧ ཉིན་ཏེ། ཉིན་ལྔ་པར་ཚོགས་ཁང་རེར་གཏམ་བཤད་པ་མི་དྲུག་རེས་གཏམ་བཤད་དང་དྲི་བ་དྲི་སལན་གནང་རྗེས་གུང་ཚིགས་ལ་རོལ། ཕྱི་དྲོ་ཚོགས་འདུའི་མཇུག་སྡོམ་མཛད་སྒོ་དང་། དེ་ནས་གྲོང་ཁྱེར་སན་པི་ཏི་པོག་གི་འགྲེལ་སྟོན་ཁང་ཆེན་མོར་གཟིགས་སྐོར་དུ་ཁྲིད་པ་དང་། དེའི་རྗེས་ཚོགས་བཅར་པ་ཚང་མས་ཕན་ཚུན་བཀྲ་ཤིས་ཁ་གཡང་དང་བཅས་བདེ་མོ་བཞག་སྟེ་སོ་སོར་གྱེས་ཕྱག་ཕུལ།


འོས་འདེབས་གྲུབ་རྗེས་ཚོགས་མི་རྣམས་མཉམ་དུ་དྲན་རྟེན་སྐུ་པར་བསྒྲོན། 

སྤྱི་ལོ་༢༠༡༨ ལོའི་ཟླ་༩ པའི་ཚེས་༡༥ ཉིན་གུས་ཚོགས་བཅར་བ་གཅན བཟོད་རྒྱམ་པས་རྒྱ་གར་གྱི་ཡུལ་དབུས་གསལ་ལྡན་གྲོང་མཐིལ་ནས་ཤར་མར་བྲིས་པ་ནོར་འཆུགས་ཅི་ཡོད་བཟོད་པར་གསོལ་ལོ།། 



Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག