གར་ལོག་ལ་ལོག་བཤད་འདྲ་བྱས་འདུག་གམ།

གར་ལོག་ནི་གནའ་བོའི་མི་རིགས་ཤིག་གམ་སྟོབས་ཆེན་རྒྱལ་ཁབ་ཅིག་སྟེ། བོད་ཀྱི་ནུབ་བྱང་མཐའ་ཁུལ་དུ་གནས་སྡོད་བྱས་མྱོང་ཞིང༌། ཧོར་དང་ལི། དྲུ་གུ་དང་བོད་ཀྱི་སྟོད་མངའ་རིས་ས་ཁུལ་སོགས་ལ་ས་འབྲེལ་ཡིན་པ་མ་ཟད་ཕན་ཚུན་འབྲེལ་འདྲིས་ཀྱང་ཟབ་མོ་ཡོད།
དེ་ཡང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཨང་P.T.1283 ལས།"འདི་ལ་བྱང་ངོས་སུ་ཡོད་པའི་གྲུ་གུའི་གནས་ཚུལ་ཞེས་ཀྱང་ཟེར།"ཡང༌། བྱབྱཧོར་དང༌། གར་ལོག་དང་གསུམ་བསྡོང་སྟེ།"ཞེས་དང༌།"ཧོར་དང༌། གར་ལོག་གིས། བ་མེལ་ཁ་གན་བསད་ནས། བྱབྱ༡ཞེས་དང༌།ཡང་«ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་»ཞེས་པར། "གར་ལོག་གི་ཕོ་ཉས་ཕྱག་འཚལ།"ཞེས་པ་སོགས་ནི་གར་ལོག་ཅེས་པའི་ཐ་སྙད་འདི་བོད་ཀྱི་ཡིག་ཐོག་ཏུ་ཐོན་པ་སྔ་ཤོས་དེ་ཡིན་ནམ་སྙམ།

གར་ལོག་ཅེས་པ་ནི་དབྱི་སི་ལན་ཆོས་ལུགས་ཀྱི་གཙོ་བདག་མི་རབས་གཉིས་པ་ཀ་ལིབ་ཨུ་མར་གྱིས་ཕྱི་ལོ་༦༣༤ ནས་༦༤༤ བར་ལོ་བཅུ་གཅིག་ཙམ་སྲིད་དབང་བཟུང་ཞིང༌། དེའི་རིང་དུ་ཨཧཕེ་རི་ཀAfricaཡི་བྱང་ཕྱོགས་ཨེཇིབ་Egypt དང་སི་རིཡ་Syriaཨ་རབ་བྷེཡ་Arabia སོགས་དབང་དུ་བསྡུས་པ་དེར་རྒྱ་གར་ལོ་རྒྱུས་ཐོག་ཏུ་ཀ་ལིབ་བདག་གིས་བྲིས་པའི་ཏ་ཞིག་གམ་ཏ་ཟིག་ལ་གཟིགས་ཀྱི་རྒྱལ་ཁབ་ཏུ་འབོད་ཅིང༌།"དེ་སྒྲ་བསྒྱུར་སྐབས་ཟུར་ཆག་ནས་གར་ལོག་ཅེས་འབོད་པ་དང༌། དེ་ནི་ཐོག་མར་ཏུར་ཀུའི་མི་རིགས་དབྱི་སི་ལན་གྱི་ཆོས་ལ་དད་པ་བྱེད་མཁན་གྱི་གཙོ་བདག་གི་མིང་ཡིན་པ་ནས་རིམ་བཞིན་ཆོས་ལུགས་དེ་ལ་དད་པ་བྱེད་མཁན་ཚང་མའི་མིང་དུ་འགྱུར་ལྡོག་བྱུང་བ་ཞིག་མིན་ནམ་སྙམ་"ཞེས་དང༌། ཁ་ཆེ་པཎ་ཆེན་དགོང་ལོ་དོན་ལྔ་ཕེབས་པ་ཕྱི་ལོ་༡༢༠༡ ལོར་ཏུར་ཀའི་རྒྱལ་པོ་ཤ་ཧ་བུ་དན་གྱི་དམག་དཔུང་རྒྱ་གར་དུ་སླེབས་ཏེ་མ་གྷ་ངྷའི་མངའ་ཁོངས་ཡོངས་རྫོགས་དབང་བསྒྱུར་བྱས་ཤིང༌། ནང་པའི་གནས་ཆེན་བི་ཀྲ་མ་ཤྲཱིལ་དང་ཨོ་ཏནྟུ་པུ་རི་གཙུག་ལག་ཁང་སོགས་བཅོམ་པའི་ལོ་རྒྱུས་ཞིབ་པར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་«གཏམ་རྒྱུད་གསེར་ཐང་»སོགས་ལས་ཤེས་པར་བྱ་ཞིང༌། གར་ལོག་གི་དམག་ཅེས་པ་རྒྱ་གར་ནུབ་ཕྱོགས་སུ་ཡོད་པ་ཡང་ལོ་རྒྱུས་ཡིག་ཆ་མང་པོར་གསལ་གཤིས།ད་ནི་གར་ལོག་ཅེས་པ་གང་དུ་ཡོད་པར་སྙམ་ན།

༡། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་གདན་འདྲེན་པའི་སླད་དུ་གསེར་འཚོལ་དུ་བྱོན་པ་གར་ལོག་གི་དམག་གིས་བཟུང་ཞིང་བཙོན་དུ་བཅུག་པ་ལོ་རྒྱུས་ཡོངས་སུ་གྲགས་པ་དང་གཅིག

༢།"སྔོན་ཆོས་རྒྱལ་མགོན་གསུམ་གྱིས་ཞང་ཞུང་ལ་དྭགས་ལ་མངའ་གྱུརབསྒྱུརབའི་ཚེ་ལ་དྭགས་མངའ་རིས་སྐོར་གསུམ་དུ་ཆགས་པའི་ནང་ཚན་འབྲུ་ཤའམ་གར་ལོག་དེང་སང་གིལ་གིད་བྱ་བའི་ལྗོངས་དེར་ཡང་ནང་པའི་ཤེས་རིག་གིས་ཁྱད་འཕོག་ཡོད་ཅིང༌།"ཞེས་གར་ལོག་ནི་དེང་གི་ཕཀི་སི་ཐན་ནང་གི་གིལ་གིད་Pakistan_Gilgit ཞེས་དེ་ཡིན་པར་བཤད་པ་དང༌།

༣།"གར་ལོག་གི་ཕོ་ཉས་ཕྱག་འཚལ་བྱབྱགར་ལོག་གི་ཕོ་ཉ་དྲུ་གུའི་ཕོ་ཉར་ངོས་འཛིན་དགོས་དོན་ནི་བོད་ཡིག་ཏུ་གར་ལོག་ཅེས་པ་རྒྱ་ཡིག་ན་Gé luó lù ཞེས་པ་དེ་ཡིན་པ་དང་Gé luó lùསྟེ་གར་ལོག་ནི་གནའ་བོའི་མི་རིགས་ཀྱི་ཐ་སྙད་དེ།དྲུ་གུའི་རིགས་ཀྱི་ཡ་གྱལ་ཞིག་ཡིན་པ་དང༌། ཐང་གི་སྐབས་སུ་པེ་ཐིང་གི་ནུབ་བྱང་ན་གནས་པའི་ཅིན་ཧྲན་རི་བོའི་ཉིན་ཕྱོགས་ཏེ་དེང་སང་སིན་ཅང་གི་ཅི་མུ་སར་ཏེ་གསེར་མཁར་ཞེས་འབོད་པ་དེའི་རྒྱུད་དུ་སྡོད་ཀྱི་ཡོད།"ཅེས་བྲུ་ཤ་དང་དྲུ་གུགིལ་གིད་སོགས་ལ་ངོས་འཛིན་མི་འདྲ་བ་གནང་འདུག་ཀྱང༌། བོད་ཀྱི་སྟོད་མངའ་རིས་ཀྱི་ནུབ་ཕྱོགས་དང་སྦལ་ཏི་གཉིས་ཀྱི་དབར་ཞིག་ཏུ་མེད་དམ་བདག་སྙམ་ཞིང༌།"ཕྱི་ལོ་༧༣༦ ལོར་བོད་ཀྱི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་མོ་ཞིག་ཀྱང་གིལ་གིད་ཀྱི་རྒྱལ་པོ་མའི་ཅིང་གི་སྲས་ཀྱི་བཙུན་མོར་བླངས། དེར་བརྟེན་ནུབ་ཕྱོགས་ཀྱི་རྒྱལ་ཕྲན་ཉི་ཤུ་ཙམ་ནས་བོད་ལ་ལོ་སྐྱེས་འབུལ་སྲོལ་དར།"ཞེས་དང༌།"ཕྱི་ལོ་༧༣༠ ལོར་བོད་དང་མཛའ་མཐུན་བྱས་ནས་བོད་ཀྱི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་མོ་ཞིག་ཡུ་གུར་རྒྱལ་པོ་ཟུ་བློ་བྱ་བའི་བཙུན་མོར་སྩལ། སྐབས་དེར་ཡུ་གུར་མི་རིགས་རྣམས་ནང་པའི་བསྟན་པ་ལ་ཞུགས།།"ཞེས་གིལ་གིད་དང་ཡུ་གུར་ཞེས་སོ་སོར་འཁོད་ཀྱང་དོན་ལ་གར་ལོག་མིན་ནམ་སྙམ་ཞིང༌། ཕྱི་ལོ་༧༣༦ དང་༧༣༠ ཞེས་ལོ་དྲུག་གི་ཁྱད་པར་ལས་ཁྲི་ལྡེ་གཙུག་བརྟན་གྱི་སྲས་མོ་ཡིན་པ་གཅིག་མཚུངས་དང༌། ཁྲི་ལྡེ་གཙུག་བརྟན་ལ་སྲས་མོ་ཡོད་མེད་དང་གིལ་གིད་དང་ཡུ་གུར་གང་རུང་གི་རྒྱལ་པོའི་བཙུན་མོར་སོང་ཡོད་མེད་ཀྱང་བོད་ཀྱི་ལོ་རྒྱུས་རིག་པའི་དཔྱད་གཞིར་ཕུལ་བ་ལགས།

བོད་ཀྱི་མཁས་པ་མི་གསུམ་དབུས་གཙང་ནས་མངའ་རིས་དང༌། དེ་ནས་གར་ལོག་བརྒྱུད་མདོ་སྨད་དུ་ཕེབས་པར་གསུངས་པའི་གར་ལོག་གི་ཡུལ་ནི་བོད་ཀྱི་ནུབ་བྱང་མཚམས་སུ་ཡོད་པའི་གྲུ་གུ་ཡུལ་ལ་ངོས་འཛིན་དགོས་པ་དང༌། ཡུལ་དེ་ནི་ཨ་རབ་ཡུལ་དུ་དུས་རབས་བརྒྱད་པའི་འགོ་ནས་དབྱི་སི་ལན་ཆོས་ལུགས་དར་རྒྱས་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་ཟིན་པ་དང༌། ས་གནས་དེ་ནས་མདོ་སྨད་ཕྱོགས་སུ་འགྲོ་བའི་ལམ་ཁ་ཡོད་པ་དེར་ཟེར་ཞེས་དུང་དཀར་ཚིག་མཛོད་ཤོག་ངོས་༤༩༢ པར་གསལ།


༢༠༠༦།༠༦།༡༣།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག