(སངས་རྒྱས་ཀྱི་དཔའ་རྟུལ་ཚོ།)བཀླགས་པའི་ཟིན་ཐོ།

དེ་རིང་ཨ་ཁུ་ཀླུ་སྨྱོན་ལགས་ཀྱིས་དྲན་སྐུལ་ཞིག་གནང་བྱུང་། དེ་བས་དཔེ་བཀླགས་ཟིན་ཐོ་འདི་བདག་གི་ཟིན་བྲིས་སུ་བཀོད་པ་ཡིན། སྤྱིར་དཔེ་བཀླགས་ཟིན་ཐོ་འདི་ཐོག་མར་བརྒྱགས་སྐབས་སུ་དགེ་འདུན་རབ་གསལ་ལགས་ཀྱིས་བསྒྱུར་རྩལ་ཕྱོགས་ལ་དབྱེ་ཞིབ་ཙམ་བྱེད་སྙམ་ནས་ཡིན་ཀྱང་། དཔེ་དེབ་འདི་ཀློག་གིན་ཀློག་གིན་བསྒྱུར་བཟང་མིན་གྱི་ཚོར་བ་དེ་ཡོངས་སུ་བརླགས་ཟིན་པའི་ཚབ་ཏུ། སྐབས་དེའི་ལོ་རྒྱུས་ཕྱིར་དྲན་གྱི་སྐྱོ་གདུང་གིས་རབ་ཏུ་ཡོངས་སུ་ནན་ཏེ་ཟིན་ཐོའི་ཀ་ཕྱོགས་གཙོ་བོའང་གཞན་ཞིག་ཏུ་འགྱུར་སོང་། དེ་བས་སངས་རྒྱས་ཀྱི་དཔའ་རྟུལ་ཚོ་བཀླགས་པའི་ཟིན་བྲིས་འདི་འདྲ་ཞིག་ཆགས་སོང་། དྲ་གྲོགས་ཚོས་རང་ཉིད་ལ་དགོས་པའི་ཚིག་དུམ་གང་དང་ཅི་ཡིན་ཀྱང་འདི་ནས་ལེན་རོགས་གནོང་། ཨོ་རེད། གོ་སྐབས་འདི་བརྒྱུད་ནས་ལོ་ཙཱ་བ་དགེ་འདུན་རབ་གསལ་ལགས་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།


གཤམ་གྱི་ཟིན་བྲིས་རྣམས་དཔེ་དེབ་ཀློག་སྐབས་བརྒྱབས་པ་དེ་ལས་བཅོས་གང་ཡང་བྱས་མེད།

30th April 2009.ཉིན་ནས་ཀློག་འགོ་བཙུགས་པ་ཡིན།
གཤམ་དུ་བཀོད་པ་ནི་སྒྱུར་ཡིག་འདིའི་སྡེབ་སྦྱོར་དང་དོན་སྟོན་སྟངས་སོགས་མི་འོས་པ་དང༌། གཏན་ནས་མི་ལེགས་པའི་རིགས་རྣམས་འཁོལ་དུ་ཕྱུང་ནས་ཟིན་བྲིས་སུ་བཏབས་པ་ཡིན།

ཤོག་ངོས་12ངོས་སུ། 1995ལོར་ཀེ་ཊ་སི་ཀིལ་རི་རྒྱུད་ཀྱི་ཤིང་ཁང་ཞིག་ཏུ་རླུང་འཚུབ་ཆེ་བའི་དགོང་མི་ཞིག་ལ་དེབ་འདི་འབྲི་བའི་ལས་མགོ་བརྩམས།

P 18 ཤིང་དང་འདམ། རྡོ་རིགས་སྣ་ཚོགས་པའི་རྒྱུ་ཆ་གཅིག་གིས་བཟོས་ཡོད། མི་གཅིག་གི་གོ་བབས་ནི་ཁང་བཟོ་མཛེས་མིན་གྱིས་མི་བལྟ་བར་ཁང་པའི་མཐོ་ཚད་དངསྤུས་ཚད་ཀྱིས་ཐག་གཅོད་བྱེད། ཡུལ་མི་འདི་ཚོར་མེད་པའི་ཕྱོགས་ནས་ཀྱང་དོ་སྣང་བྱེད་འོས་པའི་འདྲ་མཉམ་མང་པོ་ཡོད་དེ། སྡེ་དགེ་ནོ་ཁ་པར་དང་གློག་ཆས། སྦུ་གུའི་རིགས། བཟོ་གྲྭ་བཅས་ཀྱི་ཡར་སྔོན་གྱི་ཡིན་ཅིང༌། སྐྱེལ་འདྲེན་གྱི་གཞི་རིམ་ཞིག་ནི་འཕྲུལ་ཆས་ཀྱི་ཕ་རོལ་དུ་སོན་རྒྱུ་དེ་རེད། ྲ........
ཁྱིམ་གྱི་བདེ་སྲུང་ལམ་ལུགས་དེས་ཁྱི་ནག་གི་ཚུལ་བཟུང་སྟེ་སྒོ་འགྲམ་དུ་བཏགས་ཡོད།

P 18 སྐས་འཛེགས་ཕལ་བ༼སྤྱིར་བཏང་བྱས་ན་སྡོང་པོའི་གཞུང་རྟ་ཞིག་ལ་བརྐོས་བརྒྱབ་པ་ཞིག་ལས་གཞན་མིན༽.......

P 18 ས་ཆ་དེ་ནི་རླུང་འགྲོ་དཀའ་བའི་ཐབ་ཚང་ཞིག་དང༌། ཡོ་བྱད་ཁ་ཤས་ཅན་གྱི་ཉལ་ཁང༌། མཆོད་བཤམས་བཅས་ཡོད། ཁང་པའི་ནང་དུ་ཡོད་པའི་ཁྲུང་ཁང་གསང་སྤྱོད་ནི་དུས་རབས་ཉེར་གཅིག་པའི་ནང་གི་གཙང་སྦྲའི་བསམ་ཚུལ་ཅན་ཞིག་རྩ་ནས་མེད།

P 19 ཚོང་པ་དང་སྐུ་དྲག་གི་ཁྱིམ་ནི་ཕལ་ཆེར་ཐོག་རྩེག་གསུམ་ཕྱོགས་གསུམ་དུ་ཡོད་ལ། ཕྱོགས་བཞི་བ་དེར་རྩིག་གྱང་བརྩིགས་པ་དེས་ཁྱམས་ས་ཆེན་པོ་ཞིག་བསྐྲུན་ཡོད། ......
རྒྱ་གར་ནས་འོང་པའི་ཚོང་པ་ཚོ་ནས་ཉོས་པའི་དར་གྱི་རས་དཔྱངས་དང་......
རླུང་རྟ་འཕེལ་བར་བྱེད་པའི་དར་ལྕོག་ཚོན་མདངས་སྣ་ཚོགས་པ་རླུང་བུ་དངབསྡེབས་ནས་གཡོ་བ་བཅས་ཡོད། ........ཟས་བཅའ། ཇ་འཐུང་བར་བྱེད། དེ་དག་ནི་རྒྱ་བསྐྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་ཀྱང་ཡིན་ཏེ། ཁྱིམ་མཚེས་ཚོས་འཆམ་འཆམ་བྱེད་སྐབས། ཕན་ཚུན་ཅལ་ཅོལ་གྱི་གླེང་མོལ་བྱེད་རོགས་སྒྲིག་པ་དང༌། ཚིག་རྩོད་བྱེད་པ། རྒྱུ་མ་འགུལ་བའི་བགད་མོ་ཤོར་རེས་བྱེད་ཐུབ་པ་རེད།.......

P.20 རྩེ་ཐོག་འདི་ནས་ཁོང་གི་རྐང་མཛུབ་སྐོར་ཐེངས་གཅིག་གིས་གྲོང་ཁྱེར་ཡོངས་རྫོགས་ལ་རྟོག་ཞིབ་བྱེད་ཐུབ།.......

P21 སྐུ་དྲག་གི་བྱིས་པ་རྣམས་གཏོང་སའི་དགོན་པ་དེས་ཁང་གླ་ཅན་གྱི་ཁང་པར་སྡོད་པའི་བྱིས་པ་ཚོ་ཡང་ལེན་གི་ཡོད།......

23་ ཡ་མགལ་དང་མ་མགལ་སྟོབས་དང་ལྡན། ཝ་ཞྭའི་འོག་ཏུ་མིག་ཟུང་ཆེམས་ཆེམས་གཡོ་ཞིང་རྟ་སྒའི་ཐོག་ཏུ་མཐོན་པོར་ཞོན། ཉམས་བྱེད་པ་ནི་གོམ་སྟབས་སྐབས་ངང་གིས་བྱུང་བ་ཞིག་རེད།

28་ གཟི་ལ་སོགས་པའི་ལྕགས་དང་ནོར་བུའི་རིགས།
28་ གསར་དུ་སླེབས་པའི་ཇའི་ཚོང་པ་འབྱོར།

34་ ཁོང་གི་སྣ་དེ་ཇ་ལ་ཟུག ཁོས་ལོ་མ་དེ་སྣ་རྩེ་ནས་ཕར་གཡུགས་ནས་དྲི་ཞིམ་རྡུལ་ཕྲན་སྤྲོ་བའི་སྐུལ་མ་བྱས། དེ་ནི་ངར་མ་དང༌། སྨིན་པ། བསྙལ་ཚད་བཅས་ཀྱི་ཆ་ནས........
35་ དེ་ཚོ་མང་པོ་ཞིག་གིས་ཉལཐ་འཐུང་ཞིང་བེད་སྤྱོད་མེད་པདེ་འདྲ་རེད།
35་ རྨི་ལམ་གཅིག་རེད། (རྨི་ལམ་ཞིག་རེད།)

38་ ཚོང་པ་ཚོས་ཉོ་ཤུགས་ཆེ་ཤོས་འདི་རེད་ཅེས་ངོས་འཛིན་ཞུ་ས་དེ་སུ་རེད། དགོན་པ་ཚོ་རེད།

40་ སྨད་དུ་ཕ་བོང་ཆེན་པོས་ཁེངས་པའི་གཙང་པོ་ཡོད།
41་ ཐ་ན་མཐོང་དཀོན་པའི་དྲེད་མོང་(མཆན་བུ་42་ལས། བོད་ཀྱི་དོམ་འདི་ནི་སྤུ་ནག་སེར་རིང་པོ་ཡོད་ཅིང༌།)
50་ དངུལ་གྱི་དོད་དུ་འབྲུ་རིགས་ཀྱི་སྒྱེ་ཞིག་སྤྲད་པ་དེ་ཁོའི་ཕྲག་པའི་སྟེང་བཀའ་ཡོད་ཅིང༌། དེ་རྫ་མ་དང་མཉམ་དུ་བརྗེ་སླད་བེད་སྤྱོད་བྱས་པ་རེད།
52་ ཨ་ར་འགྲེང་བར་བྱས་ཤིང༌།
53་ གླག་རྒོད་ཐུར་དུ་འབབ་པའི་གཤོག་པ་ཇི་བཞིན་གཤོག་པའི་སྣེ་མོའི་བར་དུ་གྲ་མ་ཉམས་པར་གནས་ཡོད།

119 ་དེ་ནི་རྒྱའི་གྲོང་ཁྱེར་ཟི་ལིང་ཟེར་བ་དང་ཆེས་ཐག་ཉེར་ཡོད་སྟབས་སྐུ་འབུམ་དུ་རྒྱུན་ལྡན་ནས་རྒྱ་མི་མང་པོ་ཡོད་པ་དང༌། དེ་བཞིན་ཁ་ཆེའི་རིགས་ཏུང་གཱན་ཟེར་བ་ཞིག་ཡོད།

119་ དེ་ནི་བོད་ཀྱི་ཆོས་ཕྱོགས་ཀྱི་ཆབ་སྲིད་ཐད་ནས་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཡིན།

140་ ཞྭ་སྒབ་པ་འབྱོར་དུས་ཁོའི་ཞུ་བྱ་ནི་རེ་བ་བྲལ་བ་ཞིག་རེད། ཁོས་དམིགས་བསལ་གྱིས་༸རྒྱལ་བ་རིན་པོ་ཆེ་ལ་ནེཧ་རུ་ལ་ཡིད་ཆེས་བྱེད་ཐལ་གནང་རྒྱུ་མེད་པའི་སྐོར་ཞུས་པ་རེད། ནེཧ་རུ་ནི་བོད་ལས་རྒྱ་ནག་རང་གི་གྲོགས་པོ་བྱེད་འདོད་ཆེན་པོ་ཡོད་པ་རེད་ཅེས་ཞུས་རེད། དེ་ནི་དེ་འདྲའི་ལས་སླ་པོ་ཞིག་རེད།

184་ (1952)............གློག་ཁང་ཆུང་ཆུང་ཞིག་གསར་རྒྱག་བྱས། ཉིན་བཅུ་རེའི་བོད་ཡིག་ཚགས་པར་ཞིག་ལྷ་ས་ནས་དཔར་བསྐྲུན་བྱས་ཤིང་མིང་གྲགས་ཆེན་པོ་བྱུང༌། ཐོག་དང་པོར་བོད་ཡིག་ཤེས་མཁན་ཚོས་རྒྱལ་སྤྱིའི་གསར་འགྱུར་བཅོས་སྒྲིག་མ་ཞིག་ཀློག་ཐུབ་པར་གྱུར།(འདི་བོད་ཡིག་གི་ཚགས་ཤོག་སྔ་ཤོས་དེ་ཡིན་མིན་བརྟག་དཔྱད་གནང་རོགས།)


186. 1953ལོའི་ཟླ་12ཚེས་31ཉིན་པེ་ཅིན་དུ་རྒྱ་གར་དང་བོད་ཀྱི་ཚོང་འབྲེལ་ཐད་མའོ་དང་ནེཧ་རུ་གཉིས་བེ་གྱི་གྲོས་མོལ་མགོ་ཚུགས་པ་རེད། ལྷ་སར་ཡོད་མཁན་སུ་གཅིག་གིས་ཀྱང་དེའི་སྐོར་གྱི་དོན་གཅིག་ཀྱང་ཤེས་ཀྱི་མེད། བཀའ་ཤག་དང་༸རྒྱལ་བ་རིན་པོ་ཆེ་སུ་གང་ལའང་ཚོགས་འདི་དེའི་སྐོར་སྙན་གསན་ཞུས་མེད་པ་རེད། རྒྱ་དཀར་ནག་བེ་གྱི་མཇུག་འབྲས་ཀྱི་གྲོལས་མཐུན་དེ་ལ་པང་ཆི་ཤཱི་ལ་ཞེས་ཅེས་ཁྱབ་པ་རེད།
19. གཞི་རྩའི་ཆ་ནས་གྲོས་མཐུན་དེས་བོད་དང་འབྲེལ་བའི་རྒྱ་གར་གྱི་ཚོང་འབྲེལ་ཡོད་ཚད་བོད་བཞག་ནས་ཐད་ཀར་རྒྱ་ནག་གི་འབྲེལ་ལམ་ཁག་བརྒྱུད་དགོས་པའི་གཏན་འབེབས་བྱས་པ་རེད། .......
(མཆན་19.)ཚུལ་ཁྲིམས་ལྔ་ཞེས་པའི་ཧིན་དིའི་སྐད་ཡིན། དབྱིན་སཀད་དུ་གྲོས་མཐུན་དེ་ལ། "རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དང་ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྲོསམཐུན་དང་རྒྱ་ནག་གི་བོད་མངའ་ཀུལ་དང་རྒྱ་གར་བར་གྱི་གླེང་མོལ།"ཞེས་ཟེར།

187.གྲོས་མཐུན་དེའི་ཚིག་འབྲུའི་ཐད་ནས་རྒྱ་གར་གྱིས་བོད་ཐོག་རྒྱ་ནག་གི་དབང་བསྒྱུར་ཡོད་པ་དག་ཅིང་གསལ་བོར་ཁས་ལེན་བྱས་དེ་འཁོད་ཡོད་པ་རེད། ཚིག་བརྗོད་འདི་ཤིན་ཏུ་ནས་གལ་ཆེ་ཞིང་ངོ་མ་བཤད་ན་གནད་འགག་ཀྱང་ཆེན་པོ་རེད། གང་ཡིན་ཟེར་ན། དེ་ནི་རྒྱལ་སྤྱིའི་ནང་བོད་ཐོག་རྒྱ་ནག་གིས་དབང་བསྒྱུར་ཡོད་པ་ངོས་ལེན་བྱས་པའི་གནས་ཚུལ་ཐོག་མ་དེ་རེད།

193་ བཙན་དབང་གི་ངལ་རྩོལ་ངོ་སྤྲོད་བྱས་པ་རེད།(འདི་ཡང་ཅུང་གལ་ཆེན་ཞིག་རེད་འདུག)


198.ཡིད་མུག་གི་ངུ་འབོད་མཐའ་མ་དེར་……….(འདི་ལ་ངེས་པར་དུ་ཟིན་བྲིས་འདེབས་དགོས། སྐབས་འདིར་བླ་བྲང་གི་ཨ་ཡེ་འཚོ་དགས་བཤད་པའི་ཁོང་གི་བཟའ་ཟླ་དང་སྤུན་གསུམ་གྱི་སྐོར་ནང་འཇུག་བྱ་དགོས། 2008ལོའི་ཞི་རྒོལ་སྐབས་བོད་མི་ཤི་བ་དང་བཟུང་སྟེ་བཙོན་དུ་བཅུག་པ། ཉེས་རྡུང་ཚད་མེད་བཏངས་པ། དངུལ་དངོས་ཀྱིས་ཆད་པ་བཅད་པ་སོགས་ལྷན་དུ་སྦྱར་ཏེ་རྩོམ་ཡིག་ཅིག་འབྲི་ཐུབ་ན་བཟང་། བཟོད་རྒྱམ་གྱིས།)

206.(མགོ་ལོག་གི་མིང་དོན་ཐད་ལ། ) “མགོ་ལྟག་རྒྱབ་ཏུ་བསྒྱུར་བའམ་དམག་འཁྲུག་ལ་དགའ་བ”)ཇཱོན་ཨེ་ཧྥ་ཨེ་ཌོན། (གངས་ཅན་ཡུལ་ནས་བཙན་བྱོལ་དུ་ཕེས་པ། ཞེས་པའི་ཤོག་གྲངས་234ལས་ལུང་དྲངས་འདུག)འདུག འོན་ཀྱང་མགོ་ལོག་ཅེས་པ་ཡིག་རྙིང་དག་ན་འགུ་ལོག་ཅེས་བྲིས་འདུག་པས་དཔྱད་དགོས་སྣམ།

226.མགོ་ལོག་པ་ཕོ་མོ་རྒན་བྱིས་སྟོང་ཕྲག་ཁ་ཤས་དམར་བསད་བཏང༌། ཤོར་མ་རྣམས་རི་ལ་བྲོས། རང་གི་ཁྱིམ་མི་དང་ཁྱིམ་ཚང་། མི་ཚེའི་འགྲོ་སྟངས་བཅས་ཚང་མ་ཤོར་བའི་མྱ་ངན་གྱིས་ཁེངས་པའི་མགོ་ལོག་ཚོས་རྒྱ་མི་(དུས་ཚོད་ཅི་ཙམ་འགོར་ན་ཡང་ཁོང་ཚོའི་མཐའ་མ་ལ་མ་ཐུག་གི་བར་དུ)གསོད་རྒྱུའི་ཆེད་གསོན་པོར་འདུག་པའི་མནའ་ཚིག་བོར།3ལོ་ཝེལ་ཐོ་མཱ་སི་ཇུ་ནེར། བོད་ནང་ཁུ་སུམ་སུམ་གྱི་དམག་ ཤོག་གྲངས་187ལས་དྲངས་འདུག

231་ ཁོང་ཁྲོ་འབར་བའི་བུད་མེད་ལོ་གཞོན་མིང་ལ་རྡོ་རྗེ་གཡུ་སྒྲོན་ཟེར་བ་ཞིག་ཡོད་ལ།...............འདི་ནི་སྐབས་དེའི་བོད་ཀྱི་དཔའ་མོ་ཞིག་རེད་པས། ལོ་རྒྱུས་ཞིབ་འཚོལ་བྱ་གལ་ཆེ།

144་ ཤོག་ངོས་འདི་ནས་མར་བཙན་གྱི་འཁྲིག་སྦྱོར་བྱེད་པ་དང་བྱེད་དུ་བཅུག་པའི་སྐོར་ཡོད་པས་ཞིབ་ཏུ་དཔྱད་པར་ཞུ།

146་ ཨ་མདོ་རྡོ་སྦིས་ས་ཁུལ་དུ་ཞིང་བདག་མི་སུམ་བརྒྱ་བསྐོངས་པ་དེ་ཚོའི་མགོ་ལ་ལྟག་རྒྱབ་ནས་མེ་མདའ་བརྒྱབ་པ་རེད། གྲོང་གི་མི་ཚང་མ་དེ་ལ་བལྟ་དགོས་པའི་བཀའ་བཏང་པ་རེད། དེ་ནས་གལ་སྲིད་ཁོང་ཚོས་མུ་མཐུད་ནས་སྤྱི་ཚོགས་རིང་ལུགས་ངོ་རྒོལ་བྱེད་པ་ལ་ངོ་རྒོལ་མ་བྱས་ཚེ་ལས་སྐལ་འདི་རང་འབབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་རེད།
འཇིགས་སྐྲག་འོག་ཚུད་པའི་རང་གི་སློབ་མ་ཚོའི་མདུན་དེར་མེ་མདའ་བཙུགས་ནས་མཁན་པོ་ཚོར་རང་གི་བཤང་བ་བཟའ་བཅུག"སངས་རྒྱས་གང་ན་འདུག"རྒྱ་མིས་ཁོང་ཚོར་བརྙས་གཙེར་བྱས།........
259. 1956 ལོའི་ལོ་མཇུག་ལ་ལི་ཐང་ཨ་ཐར་སོགས་བོད་མི་འགས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ཆེད་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་བྱས། སྲིད་བློན་ནེ་ཧ་རུ་དང་ཐུག་འཕྲད་བྱས། གསར་ཤོག་ཁག་གི་ནང་དུ་ཁོང་ཚོའི་པར་དང་བཅས་གསར་འགྱུར་ཁྱབ་བསྒྲགས་བྱས། འདི་ནི་དོན་ཐད་རྒྱ་གར་ནང་བོད་མིས་སྐད་འབོད་བྱས་པ་ཐོག་མ་དེ་ཡིན།

316. བོད་ཀྱི་དཔའ་རྟུལ་རྒྱལ་པོ་གོང་ན་མེད་པ་ཁྲི་སྲོང་ལྡེ་བཙན་གྱིས།
དཔའ་རྟུལ་གོང་ན་མེད་པའི་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན།

377. 1958 ལོའི་དགུན་ཐོག་དེར་ང་ཚོས་ད་བར་འགྲེལ་བརྗོད་བྱས་པའི་བོད་མི་ཚོའི་ཁྲོད་ནས་ཨ་ཐར་དང་བློ་ཚེ་གཉིས་ནི་གཅིག་བྱས་ན་རེ་བ་དང་ངར་ཆེ་ཤོས་དེ་ཆགས་ཡོད། ཟླ་བ་དགུ་བའི་ནང་ཁོང་ཚོ་བསམ་ཡས་ཀྱི་ལྷོ་ཕྱོགས་ཁུལ་དུ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་མཚོན་ཆ་གནམ་གཡུགས་གཏོང་སར་གཏན་འཁེལ་བྱས་པའི་མི་མེད་མཚོ་ཁའི་ཐག་ཉེ་ས་དེར་སླར་ལོག(མཚོ་འདི་གྲུ་གུ་མཚོ་ཡིན།).........དོ་བོ་རྣམས་ཀྱི་བཅིངས་ཐག་རྣམས་གྲོལ་ཟིན་པའི་རྗེས་དེ་ལ་ཨ་ཐར་དང་བློ་ཚེ་གཉིས་ཀྱིས་རྒྱ་མ་སྟོང་ཕྲག་བཅུ་གཉིས་ཡོད་པའི་འགོག་རྒོལ་ལག་ཆ་འོད་མདངས་འཚེར་བ་དེ་ཚོ་ཕྱིར་བཏོན་པ་རེད། དེར་ལིས་ཨིན་ཕིལ་ཌི་ཟེར་བའི་མེ་མདའ་303 དང༌། གནམ་གྲུ་གཏོར་བྱད་60_mm ཅན། རྒྱབ་སྣུན་མི་བྱེད་པའི་མེ་མདའ་56_mm རྟགས་ཅན། 2.36 རྟགས་ཅན་གྱི་བྷ་ཛོ་ཀཱ་ ལག་འབོམ་སྒམ་མང་པོ། ཁེ་ལི་བཱར་མེ་མདའ་འཕྲུལ་འཁོར་ཡང་གྲངས་30་བཅས་ཏན་ཏན་ཨ་རི་ནས་ཡོང་བའི་གཏེར་རྫས་ཤིག་རེད་ལ། ཡང་དཔལ་ལྡན་ལྷ་མོ་ལ་ཡང་གཏང་རག་ཕུལ་བ་རེད། (ཁྲམ་ལ་བབས་ཀྱིས་ཁྲམ་ལ་ཐོབས༎ཤོ་ལ་བབས་ཀྱིས་ཤོ་ལ་ཐོབས༎)

379. མགོན་པོ་བཀྲིས་ཀྱིས་བྲིས་པ། མི་ཚང་མ་ཡོད་ས་དེར་བུད་མེད་རྣམས་ཀྱི་གྱོན་ཡོངས་སུ་རྫོགས་པ་ཕུད་དུ་བཅུག་ཅིང༌། གལ་སྲིད་ཁྱོ་ག་དེས་ནག་ཉེས་རྣམས་"ཁས་ལེན་"མ་བྱས་པ་ཡིན་ན་བུད་མེད་ཚོར་ཁྱོ་གའི་མདུན་དེར་བཅན་གཡེམ་བྱས། བུད་མེད་དང་ལུས་འབྲེལ་མེད་པར་ཡིན་རིང་འགོར་བའི་རྒྱ་མིའི་དམག་མི་འདང་ངེས་ཤིག་རྣམ་ཀུན་ནས་དེར་ཡོད་ཅིང༌། དེ་ཚོས་ཧ་ཅང་དགའ་མོས་དང་བཅས་བཀའ་བརྩི་དང་ལེན་ཞུ་རྒྱུ་ད་ཆ་ཤས་ལེན་རྒྱུའི་འདོད་པ་བྱེད་ཀྱི་ཡོད། ད་དུང་ཐ་ན་མི་གཞན་རྣམས་ཀྱི་མདུན་དེར་ཁྱོ་ག་ལ་བཙན་ཤེད་ཀྱིས་ཆུང་མར་འཁྲིག་སྤྱོད་བྱེད་བཅུག་ཅིང་དེའི་རྗེས་ལ་ཁོ་དམར་གསོད་བཏང་བ་དང༌། དེ་ནས་ཁོའི་ཆུང་མ་དང་བུ་མོ་ཚོ་རྒྱ་མིའི་དམག་མི་ལ་སྤྲད་པའི་གནས་ཚུལ་བྱུང་ཡོད།..........

279. བཙུན་མ་རྣམས་ལ་ཡང་དམིགས་བསལ་མེད།
གྲྭ་བ་ཚོའི་གཟན་ཤམ་ཕུད་བཅུག་ནས་གཟན་ཤམ་ཕུད་པའི་བཙུན་མ་དང་ལྷན་དུ་འཁྲིད་སྤྱོད་བྱེད་རྒྱུར་བཙན་ཤེད་བྱས་ཤིང༌། དེ་ནས་རྒྱ་མིའི་ལས་བྱེད་པས་ཁྲེལ་དམོད་དང་བཅས་འདི་འདྲ་ནི་བོད་མི་ཚོའི་ཆོས་ལུགས་དང་འཁྲིག་སྤྱོད་སྤངས་པའི་སྡོམ་པ་ཟེར་བ་རེད་བཅས་དམའ་འབེབས་བྱས་གནས་ཚུལ་ཧ་ཅང་མང་པོ་ཐོན་ཡོད། སྐབས་དེ་འདྲ་ལ་སྤྱིར་བཏང་བྱས་ན་གྲྭ་པ་ཚོ་ནི་དམར་གསཔད་གཏོང་གི་རེད་ལ་བཙུན་མ་ཚོ་ནི་རྒྱ་མིའི་དམག་མི་ལ་སྤྲོད་ཀྱི་རེད། ས་ཁུལམང་པོ་ཞིག་ཏུ་ལོ་ན་ཆེ་ཆུང་གི་དབྱེ་བ་མེད་པར་བཙན་གཡེམ་བྱེད་པ་དང༌། ལན་མང་པོར་ཁོང་ཚོས་གསོད་མ་བཏང་གོང་དེ་ལ་བསྟུད་མར་བཙན་གཡེམ་བྱེད་པ་འདི་ལས་བུད་མེད་ཆེས་ཉུང་ཤས་ཤིག་ཐར་ཡོད་པ་རེད།

388. ཁོང་ཚོས་རང་གི་གྲི་འཕྱར་དུས་དེར་བཙན་གཡེམ་བྱས་པའི་ཆུང་མའམ་དམར་གསོད་བཏང་བའི་ཨ་ཕ་ཞིག་གི་སྣང་བརྙན་གྱིས་ཁོང་ཚོར་སྐུལ་འདེད་གཏོང་གིན་ཡོད། རྒྱ་དམག་དང་མི་འདྲ་བར་ཁོང་ཚོ་ལ་རྒྱལ་ཁ་ལེན་ངེས་ཀྱི་ཆ་རྐྱེན་ཆེ་ཤོས་གཅིག་ཡོད་དེ། ཁོང་ཚོ་ལ་ཤོར་འགྲོ་རྒྱུ་གང་ཡང་ལྷག་མེད་པ་རེད།

447. རྒྱ་མི་ཚོས་གཞི་ནས་རོ་རེ་རེ་བཞིན་བརྟག་དཔྱད་བྱས་ཏེ་༸རྒྱལ་བ་རིན་པོ་ཆེ་བཙལ་བ་རེད། རྒྱ་མིས་མུ་མཐུད་ནས་འཚོལ་ཤུལ་དེར་རྨས་མ་རྣམས་དེ་ད་རང་དུ་ བསད་པའམ་ཡང་ན་ཤི་རྒྱུར་བཞག་པ་རེད། (སྐབས་དེར་གོང་ས་མཆོག་ལ་མི་ཡི་གོ་ཆ་བགོས།)
(ཚིག་དུམ་འདི་ཇི་མ་ཇི་བཞིན་1993ལོར་བླ་བྲང་ཐ་བ་ཞོལ་མའི་ཨ་ཡེ་ག་གེ་མོ(མིང་དངོས་འདི་མི་འབྲི)་ཡིས། ཁོང་གི་སྤུན་མཆེད་དང་ཁྱོ་གའི་སྐོར་བཤད་པ་དང་གཅིག་མཚུངས་རེད་འདུག)

458 དབང་བསྒྱུར་མུ་མཐུད་བྱེད་རྒྱུ་དེ་ཅུང་ཟད་དོན་དག་གཞན་ཞིག་ཡིན་པ་ཞུ་མ་དགོས། ངས་བསམ་ན།(དབང་བསྒྱུར་བྱེད་རྒྱུ་དེ་དོན་དག་གཞན་ཞིག་ཡིན་པ་ཅུང་ཟད་ཀྱང་ཞུ་མི་དགོས།)ཟེར་བ་ཡིན་འདྲ་བས་མ་ཡིག་དང་སྡུར་དགོས།

487 ཉེས་ཅན་པ་རྣམས་ཚུར་འཁྲིད་ཡོང་ནས་ཁོས་བསགས་པའི་”ཉེས་པའི”ཐོ་ཞིག་བཀླགས། དེ་ནས་ལྟ་མཁན་ཚོར་བཙན་ཤེད་ཀྱིས་”ངོ་ལོག་པ”ལ་དགག་པ་རྒྱག་ཏུ་བཅུག དེ་ནས་ཉེས་རྡུང་གཏོང་ཞིང་སྐབས་མང་པོར་དེའི་མཇུག་དེར་དམར་བསད་བཏང་ཡོད། བཙོན་ཁང་དུ་གཡུགས་པ་རྣམས་ནི་རྒྱུན་ལྡན་བྱས་ན། འཆར་གཞི་ལྡན་པའི་ཐོག་ནས་མུ་གེ་དང་འཁྱག་ཤི ཡང་ན་ན་ཚར་སྨན་བཅོས་མ་བྱས་པ་བཅས་ཀྱིས་འོག་ཏུ་ཤི་དགོས་པ་བཟོས། ཁྲོམ་དུ་གསོད་ཐབས་དང་མནར་གཅོད་གཏོང་སྟངས་འདྲ་མིན་ངོ་སྤྲོད་བྱས་པ་རེད། མེ་མདའི་ཡུ་བ་ཡིས་མགོ་ཕྱེ་མར་བཅག ཐུར་མ་ཡིས་མིག་འབྲས་ཕྱིར་བཀོག གྲྭ་བ་ཚོ་ཉལ་གོས་ཀྱིས་བཏུམས་ཤིང་དེར་ས་སྣུམ་བླུགས། དེ་ནས་མེ་བརྒྱབ་པ་རེད། ཁྲོམ་དུ་རླིག་རིལ་འདོན་པ། བོད་མི་རྣམས་ལྕགས་སླང་སྟེང་མེར་བསྲེགས་གཏོང་བ། བཙུན་མ་རྣམས་གཅེར་བུར་བཏོན་ནས་འཁྲིག་སྤྱོད་བྱེད་རྒྱུར་བཙན་ཤེད་བྱེད་པ། དམག་མི་ཚོ་རུབ་བརྒྱབ་ནས་བཙན་གཡེམ་བྱེད་པ་བཅས་ནི་གསར་བ་དང་ཡར་རྒྱས་ཅན་གྱི་བོད་དམ་ཡང་ན་དྲིལ་བསྒྲགས་ཀྱི་འཕྲུལ་འཁོར་ནང་འབོད་པ་བཞིན་”ས་སྟེང་གི་ལྷ་ཡུལ”འདིའི་དབང་བསྒྱུར་བ་གསར་པ་ཚོས་ལག་བསྟར་བྱས་པའི་”གཙང་སེལ”གྱི་ཐབས་བྱུས་ངོ་མ་མང་པོ་ཡོད་པའི་ཁོངས་རེད།

497.ཤོག་གྲགས་འདི་ནས་བཟུང་བལ་ཡུལ་གློ་སྨོན་ཐང་གི་ཐ་སྙད་དེ་དང་མཉམ་དུ་གློ་སྨོན་ཐང་གི་སྐོར་བསྡ་རྒྱུ་རེད།

513 དེ་ནས་གློ་བུར་དུ་ཨ་ཕ་བསྡད་ནས། "ང་ཚོས་ང་ཚོ་ཚང་མ་ལ་ཁྲིམས་གཅོད་གཏོང་ཞིང་ཆོས་ཉམས་ལེན་བྱེད་མི་ཐུབ་ལ། གཅིག་བྱས་ན་གསོད་སྲིད་པའི་ཕ་ཡུལ་ལ་ལོག་རྒྱུ་ལ་རྒྱུ་མཚན་ག་རེ་ཡོད་རེད།"ཟེར།
524. བོད་མི་དཔའ་རྟུལ་ཞིག་རང་གིས་སྒྱོགས་མདེལ་འཕེན་སྟངས་སློབ་སྦྱོང་བྱས་པའི་རྗེས་སུ་འགོག་སྡོམ་གྱི་རིམ་པ་ཞིག་ཏུ་འཛིན་རྒྱུ་ནི་རྟ་རྒོད་ཅིག་རང་གི་ཟ་ཆས་ལས་འདོམ་གང་གི་ས་ཆར་འགོག་པ་དང་གཅིག་པ་རེད།(འདི་དཔེ་འཇོག་ཡག་པོ་ཞིག་བྱས་འདུག་ལ་བསྒྱུར་ཀྱང་ཡག་པོ་འདུག)
530.ཡིན་ན་ཡང་དེ་ནས་ཆབ་སྲིད་དག་ཀྱང་རྩེ་མོའི་ནང་འཛུལ་བ་རེད།(རྩེད་མོ་ཟེར་ན་ལས་རྩེ་མོ་མི་ཟེར།)
549.མགོན་པོ་བཀྲ་ཤིས་1964ལོའི་ཟླ་9བའི་ཚེས་24ཉིན་རྡོ་རྗེ་གླིང་དུ་དགོངས་པ་རྫོགས་པ་རེད།
579. ངས་བཤད་དོན་ནི། བྷང་ལཱ་དཱེ་ཤ་བ་དེ་ཚོས་རང་གི་རང་བཙན་དེ་མ་མཐའ་ལ་ཡང་ཕྱོགས་གཅིག་ནས་བོད་མི་ཚོ་ལ་བུ་ལོན་ཞིག་གསབ་དགོས་པ་ཡོད་པ་རེད།(འདིའི་སྐོར་སྐབས་དེའི་རྒྱ་གར་དམག་སྤྱི་ཨུ་བྷན་གྱི་Phantoms of Chittagong:The"Fifth Army"in Bangladesh)ཟེར་བར་གཟིགས་རོག་ས།

602. ཉིན་རྒྱབ་ཆུ་ཚོད་གཉིས་པར་སླེབས་དུས་མི་ཚོགས་ཡོད་ཚད་ཕར་ལོག་པ་རེད།.........

ཤོག་ངོས་གང་ཡིན་ཤ་མི་གསལ།
ཁོང་ཚོ་ད་ནི་རང་གི་གནའ་བོའི་བསྟན་པ་དེ་རྒྱལ་སྤྱིའི་མང་ཚོགས་ཕོན་ཆེ་བ་ལ་བགོ་འགྲེམས་བྱེད་ཀྱི་ཡོད་ལ།


BIBLIOGRPHY.དཔེ་དེབ་འདི་ཕྱི་ལོ་2009ཟླ5ཚེས་21ཉིན་ཡོངས་སུ་བཀླགས་གྲུབ་པ་ཡིན།

Comments

Popular posts from this blog

དྲིན་ཆེན་ཕ་མའི་དྲིན་ལན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མངའ་ཐང་གི་ཆ་ཙམ་གླེང་བ།

༼ཨ་ཤོ་ཀའི་མདོ་༽ཡི་བོད་འགྱུར་མར་མཇལ་བའི་དྲིན་གཟོ་དད་པའི་མེ་ཏོག